@karmatenphel0: ࿐ བྱམས་མགོན་རྡོ་རྗེ་འཆང་མཆོག་སྟག་མོ་ལུས་སྦྱིན་ཁྲ་འགུ་དགོན་པར་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་པ། སྤྱི་ལོ་༢༠༢༦ ཟླ་༦ ཚེས་༡༢ བོད་རབ་རྒྱན་མེ་ཕོ་རྟ་ལོའི་ས་ག་ཟླ་བའི་ཚེས་བཟང་འཕྲོད་སྦྱོར་དགེ་བའི་ཉིན། རིགས་ཀུན་ཁྱབ་བདག་འཁོར་ལོའི་མགོན་པོ་༧བྱམས་མགོན་རྡོ་རྗེ་འཆང་ཀྭན་ཏིང་ཏཱའི་སི་ཏུ་རིན་པོ་ཆེ་མཆོག་དང་། ༧སྐྱབས་རྗེ་ཡོངས་དགེ་མི་འགྱུར་རིན་པོ་ཆེ། རྟ་རྣ་ལྷ་རྩེ་རིན་པོ་ཆེ་དབུས་པའི་བྱམས་ཆེན་སྟོན་འཁོར་རྣམས་གནས་ཆེན་སྟག་མོ་ལུས་སྦྱིན་ཁྲ་འགུ་བཀྲ་ཤིས་ཡང་རྩེ་དགོན་དུ་ཞབས་ཟུང་མཚན་དཔེའི་འཁོར་ལོ་དགེ་མཚན་འབུམ་དུ་འཁོད་པར། ༧ཆོས་རྗེ་བླ་མ་རིན་པོ་ཆེ་དང་། མཆོག་སྤྲུལ་དམ་ཆོས་རིན་པོ་ཆེ་རྣམ་གཉིས་དབུས་མཁན་པོ་རྣམས་ནས་སྤོས་སྣེས་སྔུན་བསུས་དང་། དབུ་མཆོད་ནས་ཐོག་རོལ་དང་སྐུ་མདུན་འབུད་བརྡུང་དཀྲོལ་བའི་རོལ་ཆ། ཁྲ་འགུ་སློབ་གྲྭ་ནས་དཔེ་གསར་གྱི་འབུད་བརྡུང་གི་རོལ་ཆ། དགེ་སློང་སྤོང་བ་པ་རྣམས་ནས་འཕེན་གདུགས་རྒྱལ་མཚན་གྱི་བཀོད་པ། ངུར་སྨྲིག་འདུས་ཚོགས་དང་དད་ལྡན་ལྷ་སྡེ་མི་སྡེ་ཡོངས་ནས་བཀྲ་ཤིས་ལྷ་དར་དང་མེ་ཏོག་མཛེས་རྒྱན་གྱི་མཆོད་པའི་བཀོད་པ་དཀྱུས་སུ་རིང་བས་ཕེབས་བསུ་ཟབ་རྒྱབ་ཀྱི་སྒོ་ནས་གཟིམས་སྤྱིལ་བཀྲ་ཤིས་ཡང་སྟེང་དགའ་འཁྱིལ་གླིང་དུ་སྤྱན་དྲངས་ནས་ཚོགས་ཆེན་དུ་ཞབས་སོར་འཁོད་འཕྲལ་སྟོན་འཁོར་ཕུན་ཚོགས་ལ་ཕེབས་སྟོན་གསོལ་ཇ་འབྲས་བསིལ་བཞེས་སྤྲོ་རྒྱས་གཤོམ་སྟོབ་ནས་བསྟན་རྒྱས་སྨོན་ལམ་གྱི་མཚམས་སྦྱར་ཏེ་དགོན་གྱི་བླ་སྤྲུལ་མཁན་སློབ་དབུ་མཆོད་རྣམས་ལ་སྐུ་མཇལ་དང་མགུལ་སྲུང་བྱིན་སྩོལ་གྱི་སྒོ་ནས་བཀའ་དྲིན་ཆེ་བར་བསྐྱངས་མཛད་ཅིང་། དེའི་རྗེས་སུ་རྗེ་དབོན་ཆོས་རྗེ་བླ་མ་དང་གསུང་མོལ་མཛད་བཞིན་སྐུ་ལྷོད་བཞུགས་ངང་དུ་བཞུགས་ཞག་གནང་བ་བཅས་ཀྱི་བརྙན་པར། Today, our Thrangu community was deeply honored and blessed to welcome His Holiness Chamgon Kenting Tai Situ Rinpoche to Thrangu Tashi Yangtse Monastery, Namo Buddha. Accompanying His Holiness were Venerable Mingyur Rinpoche, Tana Tulku, Tenam Shastri, Chagzo Tsewang La, and other members of his entourage, who arrived from Pullahari Monastery in Kathmandu. Choje Lama Rinpoche personally traveled to Pullahari to offer a special welcome and accompany His Holiness on this auspicious journey. Upon arrival, His Holiness received a grand and heartfelt reception from the monks and nuns of Thrangu Monastery, the students and staff of Shree Mangal Dvip School, representatives of the local government, the Namo Buddha Development Committee, and countless devotees and well-wishers. In accordance with our rich spiritual and cultural traditions, Choje Lama Rinpoche, Tulku Damcho Rinpoche, Drupon Khenpo Rinpoche, the Khenpos, lamas, anis, and devotees joined in a beautiful ceremonial procession to welcome His Holiness to the monastery. Following the procession, a tea and saffron rice offering ceremony was held at the Old Retreat Shrine, creating a joyful atmosphere of devotion, gratitude, and blessing. The entire Thrangu family is overjoyed by His Holiness’s presence and feels profoundly blessed to receive him and his esteemed retinue at our monastery. May this auspicious visit bring peace, harmony, and benefit to all beings. 今日,南無布達創古札西仰澤寺恭迎尊貴的廣定大司徒仁波切蒞臨。隨同仁波切由位於加德滿都的普拉哈里寺前來者包括:尊貴的明就仁波切、達那祖古、喇嘛丹南沙斯特里、總管策旺喇嘛。確戒喇嘛仁波切親自前往普拉哈里寺迎請,並一路陪同大司徒仁波切前來南無布達創古寺。 尊貴的大司徒仁波切抵達時,受到了創古寺全體僧眾與尼眾、師利曼哥普智學校師生、當地政府代表、南無布達發展委員會,以及無數虔誠信眾的隆重熱烈歡迎。 依循傳統,確戒喇嘛仁波切、唐確祖古仁波切、主奔堪仁波切、諸位堪布、喇嘛、尼眾及信眾們,共同組成了莊嚴殊勝的迎請隊伍,恭迎大司徒仁波切蒞臨寺院。迎請儀式後,隨即於舊閉關中心大殿享用茶點與吉祥飯。 創古寺僧團對仁波切的光臨感到無比歡欣,也深刻地獲得了殊勝的加持。願此吉祥佛行事業為一切眾生帶來和平與利益。

Karma C T
Karma C T
Open In TikTok:
Region: NP
Sunday 14 June 2026 14:35:52 GMT
257
51
6
1

Music

Download

Comments

knshrestha72
knshrestha72 :
om🌺❤️🙏🙏🙏🙏🙏🙏🙏🙏🙏🙏🙏🙏🙏🙏🙏🙏🙏🙏🙏🙏🙏🙏🙏🙏🙏🙏🙏🙏🙏🙏🙏🙏🙏🙏🙏🙏🙏🙏🙏🙏🙏🙏🙏🙏🙏🙏🙏🙏🧡🌻
2026-06-14 15:09:50
0
pasanglamaghising3
पासाङ्ग लामा लो :
🙏🙏🙏
2026-06-14 15:49:34
0
angdatisherpa0
Ang Dati Sherpa :
🌷🙏🌷🙏🌷🙏🌷
2026-06-14 15:10:32
0
pramilathokar34
Pramila Thokar :
🙏🏻🙏🏻🙏🏻🙏🏻🙏🏻🙏🏻🙏🏻🙏🏻🙏🏻
2026-06-14 15:01:28
0
pema.lama1563
pema lama :
🙏🙏🙏🙏🙏🙏
2026-06-14 15:00:46
0
kyizomlama
Kyizom Lama :
🙏🙏🙏🌹🌹🌹🙏🙏🙏
2026-06-14 16:08:31
0
To see more videos from user @karmatenphel0, please go to the Tikwm homepage.

Other Videos


About