@tashitshering13: ༉ ད་རིས་རང་ཟླ་ ༥ པའི་ཚེས་ ༣ གཟའ་སྐར་དགེ་བའི་ཉིནམ་དང་བསྟུན་ ༧ སྐྱབས་རྗེ་རིན་པོ་ཆེ་མཆོག་གིས་ ཀུན་གསལ་ཕོ་བྲང་ལུ་སྦེ་ མཁན་པོ་ནོར་བུ་རྒྱལ་མཚན་ལུ་ རྡོར་གདན་བཀྲ་ཤིས་ཐང་ནང་པའི་གཙུག་ལག་སློབ་གྲྭའི་སྤྱི་འཛིན་གོང་མ་སྦེ་བཀྲ་ཤིས་ལེགས་དར་གནང་ཡོདཔ་ཨིན། མཁན་པོ་མཆོག་གིས་ སྐུ་ན་ཆུང་ཀུ་ལས་སྤུངས་ཐིམ་གྲྭ་ཚང་ནང་འཛུལ་ཞུགས་གནང་སྟེ། རིམ་པ་བཞིན་སྐུ་ཡོན་ཚུ་ཡང་རྟ་མགོ་ནང་པའི་མཐོ་རིམ་སློབ་གྲྭ་ནང་སྦེ་སྒྲ་སློབ་ཞིང་གཤེགས་མཁས་དབང་ཀུན་ལེགས་རྒྱལ་མཚན་གྱི་ཞབས་ལས་གཞུང་རིག་གནས་ལུ་ཐོས་བསམ་མཛད་པའི་ཤུལ་རྒྱ་གར་རྫོང་གསར་བཤད་གྲྭའི་མཁན་ཆེན་ཀུན་དགའ་དབང་ཕྱུག་གི་ཞབས་སར་ལོ་ངོ་མང་རབས་ཅིག་གི་རིང་གཞུང་ཆེན་ཚུ་ལུ་སྒྲོ་དོགས་མཐིལ་ཕྱིན་སྦེ་གནང་ནུག། དེ་ལས་མཁས་གྲུབ་གཉིས་ལྡན་གྱི་བླ་མ་སྐྱབས་རྗེ་བསྟན་འཛིན་དོན་གྲུབ་དང་སྐྱབས་རྗེ་འཇིགས་མེད་ཆོས་གྲགས། རྡོ་རྗེ་སློབ་དཔོན་བསོད་ནམས་རྒྱ་མཚོ་ལ་སོགས་པ་ལས་དབང་ལུང་ཁྲིད་གསུམ་སོགས་ཞུས་ཏེ་ལོ་གསུམ་ཕྱོགས་གསུམ་གྱི་སྒྲུབ་པ་ཐེངས་གཉིས་གནང་བའི་རྗེས་སུ་སྐྱབས་རྗེ་རིན་པོ་ཆེ་དང་གཞུང་གྲྭ་ཚང་གི་བཀའ་རྒྱ་ལྟར་སེམས་རྟོགས་ཁ་བཤད་གྲྭའི་དབུ་འཛིན་དང་གསང་ཆེན་ཆོས་འཁོར་མཐོ་རིམ་བཤད་གྲྭའི་དབུ་འཛིན་སྦེ་ལྷག་བསམ་རྣམ་དག་གི་ཐོག་ལས་ལོ་ངོ་བཅུ་ཕྲག་གཉིས་ལས་ལྷག་སྟེ་བཤད་པའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་བའི་གཟེངས་བསྟོད་དུ་ད་རིས་སྐྱབས་རིན་པོ་ཆེའི་ཞབས་ལས་རྡོར་གདན་བཀྲ་ཤིས་ཐང་ནང་པའི་གཙུག་ལག་སློབ་གྲྭའི་སྤྱི་འཛིན་གོང་མ་སྦེ་བཀྲ་ཤིས་པའི་ལེགས་དར་གནང་ཡོདཔ་ཨིན། June 17,2026 His Holiness the Je Khenpo conferred the Tashi Lekdhar upon Khenpo Norbu Gyeltshen at Kuenselphodrang, appointing him as the President of Dorden Tashithang Buddhist University. Khenpo Norbu Gyeltshen entered the Punthim Dratshang at a young age and diligently pursued his monastic education. He studied grammar and related disciplines at Tango Shedra and later received extensive instruction in Buddhist philosophy from the late scholar Khenwang Lekshed Jamtsho Rinpoche. Thereafter, he spent many years under the guidance of Khenchen Kunga Wangchuk at Dzongsar Shedra in India, engaging in rigorous and profound study of the major Buddhist treatises. Subsequently, he received numerous empowerments (wang), oral transmissions (lung), and pith instructions (tri) from eminent masters, including Kyabje Tenzin Dondrup, Kyabje Jigme Choedra, and Vajra Master Sonam Gyamtsho. He also successfully completed the traditional three-year retreat on two occasions. Following the command of His Holiness the Je Khenpo and the Central Monastic Body, he served with unwavering dedication as the Principal of Semtokha Shedra and later as the Head Principal of Sangchen Chokhor Higher Buddhist College. For more than two decades, he has devoted himself to the preservation, promotion, and advancement of Buddhist learning and scholarship, making significant contributions to the flourishing of the Buddhadharma.

Tashi Tshering
Tashi Tshering
Open In TikTok:
Region: BT
Wednesday 17 June 2026 05:40:30 GMT
4262
377
8
4

Music

Download

Comments

_unknownngirll8
Unknown Girl🥀🍊🇧🇹 :
🙏🙏🙏
2026-06-23 02:20:51
0
ugaychox
Shinnyshine 🧿🤍💫 :
😍😍👏
2026-06-19 02:52:14
0
tashiwangmo5656
wangmo :
🙏🙏🙏
2026-06-18 14:23:22
0
jigmechoden3508
jigme :
❤️❤️❤️
2026-06-17 14:51:31
0
chuki_696
chuki_696 :
🙏🙏🙏
2026-06-17 14:48:26
0
namseltdema
NAMSEL T DEMA :
💐💐💐🙏🙏🙏💐💐💐
2026-06-17 10:18:49
0
rinchenlhaden678
rinchenlhaden678 :
🙏🙏🙏
2026-07-05 14:22:25
0
To see more videos from user @tashitshering13, please go to the Tikwm homepage.

Other Videos


About