@drikung.trotse: 2559 ཁ་གཏམ་སེམས་གཏམ། ཁ་པར་ལ་གློག་མེད་ན་བདག་པོ་དངངས་འཚབ་ལངས། སེམས་ལ་ཤེས་རབ་མེད་ན་མི་ཚེ་འཁྲུལ་བར་འཁྱམས། དྲ་རྒྱ་ཡོད་དུས་ཉེ་བའི་སྤུན། སྦྲེལ་མཐུད་ཆད་དུས་ཐག་རིང་མགྲོན། གློག་ཀླད་མདུན་ལ་བསྡད་ནས་ལུས་པོ་གུད། འཆར་ངོས་བལྟ་ཐེངས་མང་ནས་མིག་ཟུང་གུད། ཁ་པར་ནང་གི་མི་ལ་འཛུམ་མུལ་མུལ། ཁྱིམ་གྱི་མི་ལ་མིག་ལོག་ལོག དཔང་པོ་མེད་པར་དྲ་ཐོག་བདེན། རྩད་གཅོད་མེད་པའི་ཚོགས་པའི་གཏམ། ལུས་པོ་ཁྱིམ་ལ་བསྡད་ཀྱང་། སེམས་པ་དྲ་རྒྱའི་ནང་ལ་འཁྱམས། ཁ་པར་བལྟ་གིན་ལམ་དུ་འགྲོ། རྐང་པ་ས་དོང་ནང་ལ་ལྷུང་། དྲ་ཐོག་གི་འཛུམ་མལ་ལ་ཡིད་ཆེས་མེད། དངོས་ཡོད་ཀྱི་དཀའ་ངལ་ལ་ཟུར་ཐབས་མེད། ཁ་པར་སྐར་མ་གཅིག་བལྟ་ཟེར། ཆུ་ཚོད་གཅིག་ལ་མགོ་འཁོར་འགྲོ། ཟས་ལ་རོ་མེད་ཀྱང་པར་རྒྱག་མཁས། ལས་ལ་བརྩོན་པ་མེད་ཀྱང་དྲ་ཐོག་ངོམ། ཉལ་དུས་ཁ་པར་བལྟས་ནས་ཉལ། ལང་དུས་ཁ་པར་བཙལ་ནས་ལངས། གློག་ཆད་ན་སེམས་པ་མི་བདེ། དྲ་རྒྱ་ཡོད་ན་མིག་མི་བདེ། ཁྱིམ་ཚང་གི་གསང་བ་དྲ་ཐོག་ཏུ་བསྐྱུར། རང་གི་མི་ཚེ་ནག་ནག་བཟོས། ཡུལ་ས་ཐག་རིང་ཡང་དྲ་ཐོག་ནས་མཐོང་། ཁྱིམ་ཚང་ཐག་ཉེ་ཡང་སྐད་ཆ་མི་བཤད། ལུས་པོ་མལ་ལས་མ་ལངས་ཀྱང་། ལག་པ་ཁ་པར་ཐོག་ཏུ་འགུལ། ཁ་པར་ལ་གསང་ཨང་མང་པོ་རྒྱག རང་གི་ཁ་ལ་སྒོ་ལྕགས་མེད། དབེན་པའི་གནས་སུ་བསྡད་ན་ཡང་། ལག་པས་ཁ་པར་གཏོང་མི་ཐུབ། ཡུལ་སྐོར་ལ་ཕྱིན་ནས་པར་རྒྱག་པ་ལས། ཡུལ་ལྗོངས་མཛེས་པོ་ལོངས་སུ་སྤྱོད་མི་ཤེས། ༢༠༢༦/༩/༡༤ སྔ་དྲོར་ཡམ་བུའི་གྲོང་ནས་རྒྱལ་ཁམས་པ་སྤྲོ་ཚེས་སོ།།

འབྲི་གུང་སྤྲོ་ཚེ།
འབྲི་གུང་སྤྲོ་ཚེ།
Open In TikTok:
Region: NP
Monday 14 September 2026 04:13:13 GMT
354
26
0
0

Music

Download

Comments

There are no more comments for this video.
To see more videos from user @drikung.trotse, please go to the Tikwm homepage.

Other Videos


About