@habibaabdo426: @حمو الطيخا 🎤 الطيخا جاب الخلصا😘

habiba Abdo
habiba Abdo
Open In TikTok:
Region: EG
Sunday 01 November 2026 14:20:28 GMT
10928
1648
7
133

Music

Download

Comments

ziaad.500
ZEZO🥷🔥 :
ايه الجمدان ده😂
2026-11-01 16:31:25
1
no.time.for.love235
no time for love :
ربنا يفرح قلبك ❤️❤️
2026-11-02 12:43:35
0
ahmed.elgamil01
Ahmed alex 🦁🔥 :
احيه بالشطه واللمووون 😉🍓❤️
2026-11-02 13:14:55
0
shrookana4
شروق :
بعتتلك تفاصيل شغل الموديل
2026-11-02 10:58:37
0
waleedelsawy000
WaleedElsawy :
🥰🥰🥰
2026-11-02 05:49:46
0
mohamedmostafam468
kæñkæ :
🥰🥰🥰
2026-11-01 14:56:23
0
mostafa.mohamed0216
mostafa mohamed :
♥️♥️♥️
2026-11-02 07:25:12
0
To see more videos from user @habibaabdo426, please go to the Tikwm homepage.

Other Videos

༅། ། མདོ་སྔགས་ཟུང་འབྲེལ་གྱི་གནད་ཞིབ་ཅིང་ཕྲ་བའི་[དཀའ་གནད་]འདི་ཚོ་དེང་སང་”སྐྱབས་རྗེ་”དང་། “རིན་པོ་ཆེའི་”ཆོ་ལོ་བརྒྱན་པའི་གང་ཟག་ཚོར་བཤད་རྒྱུ་ཨེ་ཡོད། ཕལ་ཆེར་ཁོང་ཅག་ཚོ་གདོད་མ་ཉིད་ནས་སྤོབས་པའི་གཏེར་བརྒྱད་སྒོ་ནང་ནས་གྲོལ་བའི་”སྤམ་རྫུ་”ཤ་སྟག་སོང་ཙང་། དངོས་སུ་གདུལ་བྱར་ཁ་གཏད་དེ་འཆད་ཉན་གྱི་སྐུ་ཡོན་དཀོན་པོ་ཡིན་པ་འདྲ། ཕལ་ཆེར་མེད་ཅེས་ཁྲུན་ཐག་བཅད་ཀྱང་རུང་མིན་གྱི་སོ་མཚམས། མངོན་པའི་མེ་ལོང་བརྟགས་དོན་ལམ་ན་མེད་འགྲོ་སྙམ། ད་དུང་ཁྱེད་ཚོས་ལྟོས།  ༅། ། གཞན་དོན་གཟུགས་སྐུ་གདུལ་བྱར་སྣང་ཙམ་གྱིས་ཕན་རླབས་ཡོང་དཀའ་མོ་རེད། མ་གཞི་མཐོང་ཐོས་དྲན་ཡོད་ཅེས། བྱང་ཆུབ་སེམས་པ་ཐོག་མ་ཐུགས་བསྐྱེད་པ་ནས། སྤྱོད་འཇུག་ལས། གང་ལས་གནོད་པ་བྱས་ཀྱང་བདེ་འབྲེལ་བ།། བདེ་བའི་འབྱུང་གནས་དེ་ལ་སྐྱབས་སུ་མཆི།། གསུངས་པ་ལྟར། ཚུལ་དེ་འདྲ་སྐྱོང་མཁན་རེ་འགའ་ཡོང་མོད་ཀྱང་། ད་གཙོ་བོ་གཙོ་བོ་དེ་གསུང་གི་འཕྲིན་ལས་ཀྱི་ཐོག་ནས་གཞན་དོན་བསྒྲུབ་དགོས་ཏེ། རྟེན་འབྲེལ་བསྟོད་པ་ལས། མཛད་པ་ཀུན་ལས་གསུང་གི་ནི།། མཛད་པ་མཆོག་ཡིན་དེ་ཡང་ནི།། འདི་ཉིད་ཡིན་ཕྱིར་མཁས་པ་ཡིས།། འདི་ལས་སངས་རྒྱས་རྗེས་དྲན་བྱོས།། གསུངས་པ་ལྟར། དེའི་ཐད་ནས་གཞན་དོན་བསྒྲུབ་པར་དཔེར་ན་མངོན་རྟོགས་རྒྱན་ནང་ལམ་གྱི་རྟེན་ནས་འབྲས་བུའི་སར་འགོད་པའི་བར་འཕྲིན་ལས་ཉེར་བདུན་གསུང་གི་ཡོད་རེད། དེ་ལྟ་བུའི་འཕྲིན་ལས་ཉེར་བདུན་བསྐྱེད་ཡ་དེ་གཙོ་བོ་གཟུགས་སྐུ་དང་འབྲེལ་ནས་ཡོང་དགོས། དེ་འདྲ་སྟེ་ནམ་མཁའ་ཇི་སྲིད་བར་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་གང་ལ་གང་འདུལ་གྱི་སྐུའི་རྣམ་པར་འཆར་བ་ལ། གསང་གསུམ་རོ་གཅིག་པ་མེད་ན་ཡོང་ཐབས་བྲལ། དཔེེར་ན་མདོ་རྐྱང་པའི་དབང་དུ་བཏང་ན་ས་བཅུའི་བྱང་སེམས་པ་ཡང་གཞན་དོན་ཉེ་ཚེའི་ཁོངས་སུ་ཡོད། འབད་མེད་ལྷུན་འགྲུབ་མི་ཡོང་བའི་གནད་དེ། གསང་གསུམ་རོ་གཅིག་པ་མེད་ཙང་བྱས་པ་རེད། དཔེར་ན། ཡ་གི་སློབ་པའི་ཟུང་འཇུག་ཐོབ་པའི་སྔགས་བླ་མེད་པ་ཡང་གསང་གསུམ་རོ་གཅིག་ཏུ་ཡོད་ན་ཡང་། མཉམ་བརྗེ་འདྲེས་པ་དེ་ཡོང་གི་མེད་ཙང་། གཞན་དོན་ཉེ་ཚེ་ལས་འབད་མེད་ལྷུན་འགྲུབ་མི་ཡོང་། ད་འོ་ན་གཞན་དོན་མཐར་ཐུག་དེ་ཇི་ལྟར་ཡོང་ཞེ་ན། གལ་ཏེ་གདུལ་བྱའི་ངོས་ནས་སྣོད་དུ་གྱུར་ན། བདེ་བཞིན་གཤེགས་པའི་འཕྲིན་ལས་དེ་མ་ཐག་འཇུག་ཆོག་ཆོག་རེད། དེ་ལྟར་ཡོང་བར་ཐུགས་ཀྱིས་གར་ཁྱབ་ལ་སྐུས་མ་ཁྱབ་ན་མི་ཡོང་། དེ་མངོན་དུ་འགྱུར་བར་”གསང་གསུམ་རོ་གཅིག་པ་”མེད་ན་མི་འགྲིག རྒྱུ་མཚན་དེར་བརྟེན། གསང་གསུམ་རོ་གཅིག་ཡོང་བར་ལུས་ངག་གི་དགེ་རྩའི་ལམ་ནས་འགྲུབ་ཐབས་མེད། ད་གཙོ་བོ་ཡིད་ཀྱི་དགེ་བས་བསྒྲུབ་དགོས། ཡིད་དེ་ལའང་ཕྲ་རགས་གསུམ་ཕྱེ་ནས། ཤིན་ཏུ་ཕྲ་བའི་བློ་དེ་ཉིད་ལམ་ལམ་ཡེ་ཤེས་ཀྱི་ངོ་བོར་བསྐྱེད་ནས། དེའི་སྟེང་ནས་དེ་དང་ངོ་བོ་དབྱེར་མེད་ཀྱི་སྐུ་གསུང་གཉིས་འགྲུབ་དུས། ད་གཟོད་གསང་གསུམ་རོ་གཅིག་པ་འགྲུབ་ཀྱི་ཡོད། དེ་ལྟ་བུའི་སློབ་པའི་ས་ནས་བསྒྲུབ་ཡ་ཡོད་པ་ཞིག་སྔགས་བླ་མེད་ནས་མ་གཏོགས་མེད། དེར་བརྟེན། གཞན་དོན་འབད་མེད་ལྷུན་ཡོང་མི་ཡོང་ཐུག་སའི་གནད་དེ། གསང་གསུམ་རོ་གཅིག་པར་ཐུག་བསྡད་ཡོད། དེ་ཡོང་བར་མཉམ་བརྗེ་འདྲེས་པ་ཞིག་དགོས། ད་མདོར་བསྡུས་ན། གཞན་དོན་གཟུགས་སྐུ་དམ་པ་འགྲུབ་པའི་རྒྱུ་མཐར་ཐུག་པ་དེ་རང་དོན་ཆོས་སྐུ་དམ་པར་ཐུག་ཡོད། ཆེད་དུ་བྱ་བ་གཞན་དོན་རེད་དེ། དེ་ལྟར་ཡོང་བར་རང་དོན་ཆོས་སྐུ་དམ་པ་སྔོན་དུ་མ་བྱས་པར་ཡོང་ཐབས་བྲལ་བ་ཡིན། རྒྱུ་འབྲས་རྟེན་འབྱུང་གི་འབྲེལ་བར་ཐུག་བསྡད་འདུག དེར་བརྟེན། བྱང་ཆུབ་དོན་གཉེར་གྱི་བློ་དེ་ཧ་ཅང་གལ་འགངས་ཆགས་ཡོད། སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཐམས་ཅད་མཁྱེན་པས། : : : : #dalailama #buddha #buddhism #education #philosophy

About