@sonw_land_hero: ༄༅། །འཇའ་འོད་སྒང་དཔལ་ས་སྐྱའི་ཐེག་ཆེན་ཕུན་ཚོགས་གླིང་དུ་༧སྐྱབས་མགོན་༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དང་། ༧སྐྱབས་མགོན་༧གོང་མ་ཁྲི་འཛིན་རིན་པོ་ཆེ་རྣམ་པའི་དབུས་དྲི་མེད་འཁོན་གདུང་རྣམས་དང་། ས་ངོར་ཚར་གསུམ་གྱི་བསྟན་བདག་བླ་ཆེན་རྣམ་པའི་དབུས། བླ་སྤྲུལ་མཁན་པོ་དགེ་བའི་བཤེས་གཉེན་རྣམ་པ་དང་། གཞན་ཡང་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་མཛད་གཙོ་རྣམ་པ། ཕྱོགས་མཐའ་ཁག་ནས་ཕེབས་པའི་སྐུ་མགྲོན་རྣམས་དང་། དེ་བཞིན་དད་ལྡན་སེར་སྐྱ་སྟོང་མཚོ་དང་བརྒལ་བ་འདུས་པའི་ཐོག་༧སྐྱབས་མགོན་༧གོང་མ་ཁྲི་རབས་ཞེ་བཞི་པའི་ཁྲི་སྟོན་དངོས་གཞིའི་མཛད་སྒོ་འཚོག་བཞིན་པ། The Main Enthronement Ceremony of His Holiness the 44th Sakya Trizin At the glorious Sakya Thegchen Phuntsok Ling Monastery in Jaigaon, the main enthronement ceremony of His Holiness the 44th Sakya Trizin is being solemnly conducted in the august presence of His Holiness the Great Vajradhara Sakya Gongma Trichen Rinpoche; Their Holinesses the successive Sakya Trizin Rinpoches; the revered members of the immaculate Khön lineage; the great masters and holders of the Sakya, Ngor, and Tsarpa traditions; venerable Lamas, Tulkus, Khenpos, and spiritual teachers; distinguished dignitaries from both governmental and non-governmental institutions; honoured guests who have travelled from far and wide; and an immense gathering of thousands of devoted monastic and lay followers. May this auspicious occasion mark the continued flourishing and preservation of the sacred Sakya tradition.