@chocodentatouage: #debloquemesvue🥲🙏🏽 #debloquemesvue🥲🙏🏽 #debloquemesvue🥲🙏🏽 #debloquemesvue🥲🙏🏽 #debloquemesvue🥲🙏🏽

chocodentatouage🥰
chocodentatouage🥰
Open In TikTok:
Region: ML
Saturday 12 September 2026 12:08:25 GMT
880
145
11
1

Music

Download

Comments

mmecamara553
Mme Camara :
♥️♥️♥️
2026-09-13 11:43:57
0
aichajolie4131
Aïchata :
❤️❤️❤️
2026-09-12 18:05:49
0
23siaka_
C4 Pecha :
🥰🥰🥰
2026-09-12 17:57:55
0
user5658714129252
sali sanogo :
❤️❤️❤️
2026-09-12 14:50:54
0
rk00057
Rose Keith⭐⭐⭐ :
❤️❤️❤️
2026-09-12 14:33:50
0
doussouba.kon
Doussouba Koné :
🥰🥰🥰
2026-09-12 13:02:24
0
teninsinayoko2
Diamant noir ⚫️ :
❤️❤️❤️❤️❤️❤️
2026-09-12 12:36:11
0
user5479938225998
Fatoumata :
🥰🥰🥰
2026-09-12 12:26:12
0
missdabitao01
Miss dabitao 01 :
🥰🥰🥰
2026-09-12 12:21:41
0
ladjatraor4
miss Traoré :
💖💖💖
2026-09-12 12:14:14
0
diyadiabate0
diyadiabate06 :
❤️❤️❤️❤️❤️
2026-09-14 11:38:54
0
To see more videos from user @chocodentatouage, please go to the Tikwm homepage.

Other Videos

2560 རྒྱལ་གཅེས་ཕོ་རྒོད་བསྟན་འཛིན་དབང་འདུས་ལ་བསྔགས་པ། བོད་ཀྱི་རང་བཙན་གཙང་མའི་འཐབ་རྩོད་ལ།། སྙིང་སྟོབས་སྟག་ཤར་གཞོན་ནུའི་ང་རོ་ཅན།། རིགས་ཞེན་ལྷད་མེད་ལྷག་བསམ་རབ་དཀར་བའི།། རྒྱལ་གཅེས་ཕོ་རྒོད་བསྟན་འཛིན་དབང་འདུས་རྒྱལ།། བོད་ཀྱི་རྩ་དོན་འཐབ་རྩོད་གང་ཡོད་སར།། དུས་དང་རྣམ་ཀུན་མཉམ་ཞུགས་བྱེད་ལ་བྲེལ།། མི་རིགས་ལ་རྒྱ་རི་བོ་ལས་ཀྱང་བརྟན།། ལོ་རྒྱུས་དེབ་ཐེར་ནང་གི་དཔའ་རྒོད་ཡིན།། པར་ལེན་སྒྱུ་རྩལ་མཁས་པའི་རིག་པ་ཡིས།། བདེན་པའི་མེ་ལོང་འཛམ་གླིང་ངོས་སུ་བསྟན།། དགྲ་བོའི་ཕྱོགས་ལ་མགོ་བོ་མི་སྒུར་ཅིང་།། རྒྱལ་ཁབ་སླར་གསོའི་ཕུག་བསམ་བཅངས་ཁྱེད་རྨད།། རྒྱལ་ཞེན་སེམས་པ་གསེར་རིའི་མདངས་ལྟར་གསལ།། རང་རིགས་གཅེས་པའི་ལ་རྒྱ་མཚོ་ལྟར་ཟབ།། མུན་ནག་བཙན་གནོན་ཁྲོད་དུ་སྒྲོན་མེ་བཞིན།། བསམ་རྒྱུ་བོད་ལས་མེད་ཁྱེད་སྐུ་ཚེ་བརྟན།། སྙིང་སྟོབས་བྲག་རི་ལྟར་དུ་བརྟན་པའི་ངང་།། དྲང་བདེན་འགྱུར་མེད་རྩ་དོན་འཐབ་རྩོད་ལ།། ཁྲག་དང་རྔུལ་ཆུས་བསྒྲུབས་པའི་ལས་འགུལ་སྤེལ།། ནམ་ཡང་ཞུམ་མེད་བློ་སྟོབས་མངའ་ཁྱེད་རྨད།། ཁྱོད་ཀྱི་སྒྱུ་རྩལ་ལས་འཁྲུངས་པར་རིས་རྣམས།། ཕྱི་རབས་བོད་པ་ཚང་གི་དཔང་རྟགས་ཡིན།། རང་རིགས་རྣམས་ཀྱི་རྩ་དོན་ལས་འགུལ་པར།། འཛམ་གླིང་ཕྱོགས་བཅུ་ཀུན་ཏུ་འགྲེམ་སྤེལ་རྨད།། ལྷག་བསམ་བོད་ལ་དཀར་བའི་མེ་ཏོག་བཀྲ། དྲི་བསུང་བོད་མིར་ཁྱབ་པའི་ཡོན་ཏན་ལྡན།། རང་དོན་དོར་ནས་བོད་ཀྱི་རྩ་དོན་ཆེད།། སྣ་ཚོགས་ལས་འགུལ་ནང་དུ་བཞུགས་ཁྱེད་རྨད།། བོད་པའི་རྩ་དོན་ཆེད་དུ་དུས་ཚོད་བཏང་།། བོད་པའི་མི་རིགས་ཆེད་དུ་ལས་འགུལ་སྤེལ།། བོད་པའི་རང་བཙན་ཆེད་དུ་དུས་ཀུན་འབད།། ཁྱེད་ནི་བོད་གཅེས་བོད་ཀྱི་ཕོ་རྒོད་ཡིན།། ཁྱེད་ནི་བདེན་པའི་རྒྱལ་མཚན་འཛིན་མཁན་ཡིན།། ཁྱེད་ནི་བོད་དོན་སྲུང་བའི་དཔའ་རྒོད་ཡིན།། ཁྱེད་ནི་གངས་ཅན་བོད་མིའི་གཟི་བརྗིད་ཡིན།། ཁྱེད་ནི་རྒྱལ་གཅེས་དཔའ་བོའི་འཐབ་གྲོགས་ཡིན།། དུས་ཚོད་བཟང་ངན་གང་ཞིག་ཚེས་ཀྱང་རུང་།། ཁྱེད་ཀྱི་མཛད་རྗེས་ནམ་ཡང་བརྗེད་མི་སྲིད།། གངས་རིའི་བུ་ཕྲུག་ཡོངས་ཀྱི་སྙིང་ཁོང་ན།། ཁྱེད་ནི་ངེས་དོན་བོད་ཀྱི་ཕོ་རྒོད་ཡིན།། པར་ཆས་ལག་ཏུ་བཟུང་བའི་བརྙན་པར་ནང་།། དངོས་ཡོད་བདེན་དོན་དྲན་པའི་རྟེན་དུ་བླངས།། དགྲ་བོའི་གཡོ་སྒྱུའི་འོག་ལ་མ་ཉལ་བར།། སྒྱུ་རྩལ་ལམ་མས་བོད་དོན་སྒྲུབ་ཁྱེད་རྨད།། རང་བཙན་འཐབ་རྩོད་འཛིན་པའི་ལྟ་གྲུབ་བཙན།། ནང་ཁུལ་མཐུན་སྒྲིལ་དགའ་བའི་ལྷག་བསམ་དཀར།། ཕྱི་ཐག་རིང་ཞིང་དཔའ་ངར་ཞུམ་པ་མེད།། བསྟན་འཛིན་དབང་འདུས་གངས་རིའི་ཕོ་རྒོད་ཡིན།། ༢༠༢༦/༩/༡༤ ཉོན་དགུང་ལ་ཡམ་བུའི་གྲོང་ནས་རྒྱལ་ཁམས་པ་སྤྲོ་ཚེས་སོ།།

About